གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་17ཉིན། 14:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་15ཉིན། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་བཟོ་བྱས་པའི《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(མ་ལེ་ཞི་ཡའི་སྐད་ཡིག་དཔར་མ)གཏོང་སྤེལ་བྱེད་འགོ་ཚུགས་པའི་མཛད་སྒོ་ཁྭ་ལ་ལུམ་ཕུར་རུ་འཚོགས་པ་རེད། མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་དང་པོ་ཀྲ་ཞི་ཏེས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ལེ་ཚན་དེ་མ་ལེ་ཞི་ཡར་གཏོང་སྤེལ་བྱས་པར་རྟེན་འབྲེལ་ཞུས་པ་རེད། མ་ལེ་ཞི་ཡའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྨྱན་སྦྱོར། རིག་གཞུང་སོགས་ལས་རིགས་ཁག་གི་གྲགས་ཅན་མི་སྣ་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད། ཚེས་15ཉིན་ནས་བཟུང་། ལེ་ཚན་དེ་མ་ལེ་ཞི་ཡའི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་གཙོ་རྒྱུན་སྨྱན་སྦྱོར་ཐོག་གཏོང་སྤེལ་བྱེད་འགོ་ཚུགས་པ་རེད།
《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(མ་ལེ་ཞི་ཡའི་སྐད་ཡིག་དཔར་མའི)ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། གསུང་རྩོམ་དང་གཏམ་བཤད་ཁྲོད་ནས་དྲངས་པའི་ཀྲུང་གོའི་གནའ་དཔེ་དང་གསུང་རབ་ཀྱི་ཚིག་གྲུབ་གྲགས་ཅན་བཅས་འགོ་འཛུགས་སར་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་དང་། རིག་གནས་རྒྱུན་འཛིན་དང་གསར་གཏོད། སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་སོགས་བརྗོད་དོན་གཙོ་བོར་དམིགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཁྱད་དུ་འཕགས་པའི་བློ་གྲོས་དང་། གནམ་འོག་དྲང་གཞག་གི་བརྩེ་སེམས་ཟབ་མོ། དེ་བཞིན་གནའ་ཤེས་དེང་རྟོགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་ཟབ་མོ་བཅས་ངོ་མཚར་ཆེན་པོས་མངོན་ཡོད། (ཉི་དོན་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)